གཞས་པ། གོང་པ་བདེ་ལེགས་ནོར་བུ།
ང་ཆུང་ཆུང་། ལུ་གུའི་རྩེད་རོགས་ཡིན་དུས།
དབུ་སྐྲ་ལོ། དུང་གི ་མདོག་ལྟར་དཀར་བའི།
ཕ་ཨ་མྱེས། འཇིག་རྟེན་གནའ་མའི་གཏམ་རྒྱུད།
མ་འགྲོ་དྲུག་སེམས་ཅན་ཀུན་གྱི་བདེ་སྡུག ་དེ་དང་།
དེའི་ནང་ནས། མི་ལུས་རིན་ཆེན་གསེར་ལས་དཀོན་ཚུལ།
བུ་ང་ལ། ང་ལ། ང་ལ། ང་ ལ།
མ་གསང་ལྷུག་པོར་གསུངས་སོང་།
དེ་ནས་ཆི་གསུངས་སོང་།
࿄࿄࿄
དེ་ནས་ཆི་གསུངས་སོང ་།
࿄࿄࿄
མི་ལུས་རིན་ཆེན་གསེར་ལས་དཀོན་པ།།
དྲིན་ཆེན་ཕ་མས་བདག་ལ་གནང་སོང་།།
མི་ཚེའི་མདུན་ལམ་འོད་སྟོང་ལྡན་པ།།
དྲིན་ཆེན་ཕ་མས་བདག་ལ་གནང་སོང་།།
࿄࿄࿄
དབྱར ་གསུམ་སྦྲང་མའི་ཚོགས་འཁོར་བསྐོར་དུས།། མེ་ཏོག་ལྷ་མོ་ཕྲད་སོང་།།
དགུན་གསུམ་ཁ་བའི་མེ་ཏོག་བབས་དུས།། གངས་དཀར་ལྷ་མོ་ཕྲད་སོང་།།
སྟོན་གསུམ་གསེར་གྱི་ན་བཟའ་མནབས་དུས།། ལོ་ཡག་ལྷ་མོ་ཕྲད་སོང་།།
དཔྱིད་གསུམ་གནམ་གྱི་སྐུ་ཁྲུས་གསོལ་དུས།། སྦྲང་ཆར་ལྷ་མོ་ཕྲད་སོང་།།
ཚེ་བསོད་ནམས། ལས་དབང་ཐང་།
ནོར་ལོངས་སྤྱོད། སྐྱིད་ཉི་མ།
དྲིན་ཆེན་ཕ་མས་བདག་ལ་གནང་སོང་།
དུས་བཞིའི་ལྷ་མོས་བདག་ལ་གནང་ སོང་།
࿄࿄࿄
དེ་ནས་ཆི་གསུངས་སོང་།
࿄࿄࿄
དགའ་སོང་། དགའ་སོང་། སེམས་པ་དགའ་སོང་ །
དྲིན་ཆེན་ཕ་མ་ཡོད་པ་དགའ་སོང་།
སྤྲོ་སོང་། སྤྲོ་སོང་། སེམས་པ་སྤྲོ་སོང་།
མི་ལུས་ རིན་ཆེན་ཐོབ་པ་སྤྲོ་སོང་།
དགའ་སོང་། དགའ་སོང་། སེམས་པ་དགའ་སོང་།
གཅེས་པའི་གྲོགས་དང་འཛོམས་པ་ དགའ་སོང་།
སྐྱིད་སོང་། སྐྱིད་སོང་། སེམས་པ་སྐྱིད་སོང་།
མི་ཚེའི་རིན་ཐང་ལོན་པ་སྐྱིད་སོང་།
དགའ་སོང་། དགའ་སོང་། སེམས་པ་དགའ་སོང་།
དྲིན་ཆེན་ཕ་མ་ཡོད་པ་དགའ་སོང་།
སྤྲོ་སོང་། སྤྲོ་སོང ་། སེམས་པ་སྤྲོ་སོང་།
མི་ལུས་རིན་ཆེན་ཐོབ་པ་སྤྲོ་སོང་།
དགའ་སོང་། དགའ་སོང་། སེམས་པ་དགའ་ སོང་།
གཅེས་པའི་གྲོགས་དང་འཛོམས་པ་དགའ་སོང་།
སྐྱིད་སོང་། སྐྱིད་སོང་། སེམས་པ་སྐྱིད་སོང་།
མི་ ཚེའི་རིན་ཐང་ལོན་པ་སྐྱིད་སོང་།
R&bདྲིན་ཕ་མ་གཉིས་ཀྱི་སྐུ་ཚེ་བརྟན་པར་ཤོག དགུང་ལོ་བརྒྱ་ཐོབ་པའི་ཚེ་ཡིས་བཀྲ་ཤིས་ཤོག རྒྱུད་ཐུགས་དམ་འཕེལ་བའི་ཆོས་ཀྱིས་བཀྲ་ཤིས་ཤོག བུ་ང་ཡིས། མི་ལུས་རིན ་ཆེན་གནང་བའི་དྲིན་ལན་དུ། དྲིན་ཕ་མའི་ཞབས་སེན་པདྨ་འདབ་བརྒྱད། སྐྱེ་ནས་སྐྱེ་བར་གཙུག་ཏུ་མཆོད་ཅིང་དྲིན་ལན་སོད ་པའི་མ་བཅོས་སེམས་ཀྱི་སྨོན་ལམ་ཞུའོ།།
ཁྱིམ་བདེ་སྐྱིད་ལྡན་པའི་དཔལ་གྱིས་བཀྲ་ཤིས་ཤོག ནོར་ལོངས་སྤྱོད་འཛོམས་པའི་ གཡང་གིས་བཀྲ་ཤིས་ཤོག དུས་ཞི་བདེ་ཡོང་བའི་སྐྱིད་ཀྱིས་བཀྲ་ཤིས་ཤོག བུ་ང་ཡིས། མི་ལུས་རིན་ཆེན་ཐོབ་པའི་ལས་སྐལ་ དུ། མ་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད། བདེ་ནས་བདེ་བའི་ལམ་དུ་འགྲོ་བའི་བཀྲ་ཤིས་སྨོན་ལམ་སེམས་ཁོངས་རུས་ པའི་གཏིང་ནས་ཞུའོ།།
࿄࿄࿄
བཀྲ་ཤིས་བདེ་ལེགས།
དགའ་སོང་། དགའ་སོང་། སེམས་པ་དགའ་སོང་།
དྲིན་ཆེན་ཕ་མ་ཡོད་པ་དགའ་སོང་།
སྤྲོ་སོང་། སྤྲོ་སོང་། སེམས་པ་སྤྲོ་སོང་།
མི་ལུས་རིན་ཆེན ་ཐོབ་པ་སྤྲོ་སོང་།
དགའ་སོང་། དགའ་སོང་། སེམས་པ་དགའ་སོང་།
གཅེས་པའི་གྲོགས་དང་འཛོམས་པ་དགའ་སོང ་།
སྐྱིད་སོང་། སྐྱིད་སོང་། སེམས་པ་སྐྱིད་སོང་།
མི་ཚེའི་རིན་ཐང་ལོན་པ་སྐྱིད་སོང་།
དགའ་སོང ་། དགའ་སོང་། སེམས་པ་དགའ་སོང་།
དྲིན་ཆེན་ཕ་མ་ཡོད་པ་དགའ་སོང་།
སྤྲོ་སོང་། སྤྲོ་སོང་། སེམས ་པ་སྤྲོ་སོང་།
མི་ལུས་རིན་ཆེན་ཐོབ་པ་སྤྲོ་སོང་།
དགའ་སོང་། དགའ་སོང་། སེམས་པ་དགའ་སོང་།
གཅེས་པའི་གྲོགས་དང་འཛོམས་པ་དགའ་སོང་།
སྐྱིད་སོང་། སྐྱིད་སོང་། སེམས་པ་སྐྱིད་སོང་།
མི་ཚེའི་རིན ་ཐང་ལོན་པ་སྐྱིད་སོང་།
ང་དེ་འདྲ་སྤྲོ་དྲགས།
RengTsing文化傳媒