Kaipa Sang Song
སྐལ་པ་བཟང་སོང་
ང་ཚོ་འདི་རུ་ལ་འཛོམས་འཛོམས་ལ་ཞུས་པས་
ང་ཚོ་འདི་རུ་འཛོམས་འཛོམས་ལ་ཞུས་པས་
གཏན་དུ་འཛོམས་རྒྱུ་བྱུང་ན་
སྙུང་གཞི་གོད་ཆགས་ལ་མ་གཏོང་
སོའོ་་ཡ་ལ་་་་་་སྐལ་པ་བཟང་སོང་ལོ་
གཏན་དུ་ལ་འཛོམས་པའི་མི་ལ་
སྙུང་གཞི་གོད་ཆགས་མ་གཏོང་
སོའོ་་ཡ་ལ་་་་་་སྐལ་པ་བཟང་སོང་ལོ་
སྔོན་གྱི་ལས་ཀྱི་དབང་གི་ལ་ཞུས་པས་
སྔོན་གྱི་ལས་ཀྱི་དབང་གི་ལ་ཞུས་པས
འཛོམས་པའི་དུས་གཅིག་ཤར་སོང་
དགའ་སྐྱིད་བྲོ་གསུམ་གནང་དང་
སོའོ་་་ཡ་ལ་་་་སྐལ་པ་བཟང་སོང་ལོ་
དགའ་སྐྱིད་བྲོ་གསུམ་གནང་ནས་
གླུ་དབྱངས་ཚིག་གསུམ་འབུལ་
སོའོ་་་ཡ་ལ་་་་སྐལ་པ་བཟང་སོང་ལོ་
གཏན་དུ་འཛོམས་པའི་མི་ལ་
སྙུང་གཞི་གོད་ཆགས་ལ་མ་གཏོང་
སོའོ་་་ཡ་ལ་་་་སྐལ་པ་བཟང་སོང་ལོ་
དགའ་སྐྱིད་བྲོ་གསུམ་གནང་ནས་
གླུ་དབྱངས་ཚིག་གསུམ་འབུལ་
སོའོ་་་ཡ་ལ་་་་སྐལ་པ་བཟང་སོང་ལོ་