བུ་མོ་ཚེ་རིང་མཚོ་མོ།
ས་སྟེང་བུ་མོའི་རྒྱན་ཆ།
མཇལ་ན་སེམས་ཀྱི་ཉི་མ།
མ་མཇལ་སེམས་ཀྱི་རྨི་ལམ།
གནམ་ལ་བཀྲ་ཤིས་སྨོན་ལམ་ལན་གསུམ་འདེབས།
ས་ལ་དགའ་སྤྲོའི་རྟེན་འབྲེལ་ལན་གསུམ་འགྲིག
བུ་མོ་ཚེ་རིང་མཚོ་མོ།
བུ་མོ་ཚེ་རིང་མཚོ་མོ།
གཡས་སྐོར་ལ་བརྒྱབ་བྱུང་།
གཡོན་སྐོར་ལ་བརྒྱབ་བྱུང་།གཡས་སྐོར་གཡོན་སྐོར་ལ་བརྒྱབ་བྱུང་།
མཉམ་དུ་འགྲོ་རྒྱུ་བྱུང་ན།
སྐྱིད་པོ་ངེད་གཉིས་ལས་རེད།བུ་མོ་ཚེ་རིང་མཚོ་མོ།
བུ་མོ་ཚེ་རིང་མཚོ་མོ།
བུ་མོ་ཚེ་རིང་མཚོ་མོ།
ས་སྟེང་བུ་མོའི་རྒྱན་ཆ།
བྱུང་ན་སེམས་ཀྱི་བསྟེན་ས།
མ་བྱུང་སེམས་ཀྱི་གྲོགས་པོ།
གནམ་ལ་མཛེས་པའི་ཕུ་ཐུང་ལན་གསུམ་གཡུག།
ས་ལ་དགའ་བའི་རྡོག་བྲོ་ལན་གསུམ་བརྒྱབ།
བུ་མོ་ཚེ་རིང་མཚོ་མོ།
བུ་མོ་ཚེ་རིང་མཚོ་མོ།
གཡས་སྐོར་ལ་བརྒྱབ་བྱུང་།
གཡོན་སྐོར་ལ་བརྒྱབ་བྱུང་།
གཡས་སྐོར་གཡོན་སྐོར་ལ་བརྒྱབ་བྱུང་།
བྲལ་མེད་ལས་ཀྱིས་འགྲོགས་འོང་།
མཉམ་དུ་འཛོམས་པའི་མི་ལ།
བུ་མོ་ཚེ་རིང་མཚོ་མོ།
ཡ་རེ་ལོ་་་་་་་།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
歌词大意:
(1)才让措姆姑娘, 你是世间女人的骄傲,见了心里像太阳, 未见心里藏梦想。时时向天祈祷心愿,期望大地生长吉利。 才让措姆啊,才让措姆, 为你转山又转水, 若是今生同生存,命运将伴随我俩永快乐, 才让措姆!
(2)才让措姆姑娘, 你是世间女人的骄傲,相遇是心身的依靠,若远依然是朋友。向天舞动飘扬的长袖,在地踏起欢喜的舞步,才让措姆姑娘啊,才让措姆姑娘,为你转山又转水,但愿今生心身相伴,命运将随缘我俩永快乐, 才让措姆!