༄༅།། ལྷ་ས།拉萨Lhasa
ལེན་མཁན། རྟ་མགྲིན་ནོར་བུ།
演唱:丹真罗布
སྒྲ་འཇུག ཞོའོ་ལྦང་།
录音:小王
རོལ་དབྱངས་སྒྲིག་བཟོ།
ཧུའུ་ལུའུ་རིག་གནས།
编曲混音:葫芦文化
ང་ལ་ཆུང་དུས་ནས་སྐྱེས་ས་ཚར་སའི་ཕ་ཡུལ་ཞིག་ཡོད།
ཕ་ཡུལ་གྱི་ནམ་མཁའ་སྔོ་ཞིང་བསངས།
སྤྲིན་དཀར་གྱི་འདབ་མ་མིག་ལ་མཛེས།
ང་ཡི་ཡུམ་ཆེན་ཕྱག་དང་ཞེ་ས་མཁས།
ཉེ་འཁོར་མི་རྣམས་བྱམས་དང་སྙིང་རྗེ་ཆེ།
ལ་ལ་ལ་ལ་ལ་ལྷ་ཡི་ས།
ངའི་བརྩེ་བའི་ཕ་ཡུལ་ལྷ་ས།
ལ་ལ་ལ་ལ་ལ་ ལྷ་ཡི་ས།
ངའི་མཛེས་པའི་ཕ་ཡུལ་ལྷ་ས།
ང་ལ་ཆུང་དུས་ནས་སྐྱེས་ས་ཚར་སའི་ཕ་ཡུལ་ཞིག་ཡོད།
ཕ་ཡུལ་གྱི་རི་བོ་བརྗིད་ཞིང་ཆགས།
ཕ་ཡུལ་གྱི་མི་རྣམས་ལས་ལ་བརྩོན།
ང་ཡི་ཡབ་ཆེན་བློ་དང་རིག་པ་ལྡན།
ཉེ་འཁོར་མི་རྣམས་གླུ་དང་གར་ལ་མཁས།
ལ་ལ་ལ་ལ་ལ་ ལྷ་ཡི་ས།
ངའི་བརྩེ་བའི་ཕ་ཡུལ་ལྷ་ས།
ལ་ལ་ལ་ལ་ལ་ ལྷ་ཡི་ས།
ངའི་མཛེས་པའི་ཕ་ཡུལ་ལྷ་ས།
ལ་ལ་ལ་ལ་ལ་ ལྷ་ཡི་ས།
ངའི་དགའ་བའི་ཕ་ཡུལ་ལྷ་ས།
ལ་ལ་ལ་ལ་ལ་ ལྷ་ཡི་ས།
ངའི་མཛེས་པའི་ཕ་ཡུལ་ལྷ་ས།
ངའི་མཛེས་པའི་ཕ་ཡུལ་ལྷ་ས།