ཉུང་ཉུང་རེད།
ཚིག མདུང་རྩེ།
དབྱངས། ཆོས་ལྷ།
ལེན་མཁན། ཆོས་ལྷ།
ཕ་ཡུལ་ཕ་ཡུལ་ཟེར་མཁན་མང་མང་རེད།
ཕ་ས་བདག་པོ་བྱེད་མཁན་ཉུང་ཉུང་རེད།
ཕ་ས་བདག་པོ་བྱེད་མཁན་ཉུང་ཉུང་རེད།
དྲིན་ཆེན་ཕ་མ་ཟེར་མཁན་མང་མང་རེད།
ཕ་མའི་དྲིན་ལེན་འཇལ་མཁན་ཉུང་ཉུང་རེད།
དྲིན་ཆེན་ཕ་མ་ཟེར་མཁན་མང་མང་རེད།
ཕ་མའི་དྲིན་ལན་འཇལ་མཁ་ཉུང་ཉུང་རེད།
་ ་ ་
སྙིང་སྡུག་སྙིང་སྡུག་ཟེར་མང་མང་རེད།
སྙིང་གཏམ་ངོ་མ་བཤད་མཁན་ཉུང་ཉུང་རེད།
སྙིང་གཏམ་ངོ་མ་བཤད་མཁན་ཉུང་ཉུང་རེད།
བརྩེ་དུང་བརྩེ་དུང་ཟེར་མཁན་མང་མང་རེད།
ལྷད་མེད་བརྩེ་དུང་ཡོད་མཁན་ཉུངཉུང་རེད།
བརྩེ་དུང་བརྩེ་དུང་ཟེར་མཁན་མང་མང་རེད།
ལྷད་མེད་བརྩེ་དུང་ཡོད་མཁན་ཉུང་ཉུང་རེད།
་ ་ ་
གྲོགས་པོ་གྲོགས་པོ་ཟེར་མཁན་མང་མང་རེད།
གྲོགས་པོ་བརྩེ་བ་ཡོད་མཁན་ཉུང་ཉུང་རེད།
གྲོགས་པོ་བརྩེ་བ་ཡོད་མཁན་ཉུང་ཉུང་རེད།
དགྲ་བོ་དགྲ་བོ་ཟེར་མཁན་མང་མང་རེད།
དགྲ་ལ་གདོང་དུ་ལང་མཁན་ཉུང་ཉུང་རེད།
དགྲ་བོ་དགྲ་བོ་ཟེར་མཁན་མང་མང་རེད།
དགྲ་ལ་གདོང་དུ་ལང་མཁན་ཉུང་ཉུང་རེད།
དགྲ་ལ་གདོང་དུ་ལང་མཁན་ཉུང་ཉུང་རེད།