歌手 德吉老爷 KIHIHI

ཀི་ཧི་ཧི།
词曲:德吉老爷
编曲:旦旦
ཕོ་ལྷ་བསོ།   དགྲ་ལྷ་བསོ།  ཡུལ་ལྷ་བསོ།
ཤར་རྨ་ཆེན་སྤོམ་ར་ལ་གསོལ།
ལྷོ་ཁ་བ་དཀར་པོ་ལ་གསོལ།
ནུབ་སྒྱོགས་ཆེན་གདོང་ར་ལ་གསོལ།
བྱང་གཉན་ཆེན་ཐང་ལྷ་ལ་གསོལ།
གསོལ་ལོ་གསོལ་ལོ།
ཕོ་ལྷ་ཕོ་ལྷ།
ཕོ་ལྷ་གསོལ།    དགྲ་ལྷ་གསོལ།  ཡུལ་ལྷ་གསོལ།
གནས་འདི་ལ་བཞུགས་པའི་ཡུལ་ལྷ་གཞི་བདག་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ་གསོལ།
ནོར་ལྷ་གཏེར་བདག་ཆུ་ལྷ་ས་བདག་མི་ལྷ་སྡེ་བདག་ལ་གསོལ།
གཡས་རི་བྲག་རི། གཡོན་རི་ནགས་རི་ལ་གསོལ།
མདུན་རི་སྤང་རི། རྒྱབ་རི་གངས་རི་ལ་གསོལ།
ཡུལ་འདིའི་ཡུལ་ལྷ་ས་འདིའི་ས་བདག་ལ་གསོལ།
ས་གར་སོང་ཡུལ་གར་འགྲོ་གནས་གར་བསྡད།
ཁ་འཛིན་རྒྱབ་ནས་སྐྱོར་རོགས།
དཔལ་གཡོག་དཔོན་ནས་རོགས་རོགས།
ཁ་ལག་པ་བཞིན་དུ་སྐྱོབ་མ།
ལུས་གྲིབ་མ་བཞིན་དུ་གཡོར་མ།
སེམས་སྐྱོར་མ་བཞིན་དུ་བརྟན་མ།
མིག་ཁྲ་ཆུང་བཞིན་དུ་སྲུང་མ།
ཁ་རྗེ་ནི་ཁ་བ་འབབ་འབབ།
དབང་ཐང་ནི་བུ་ཡུག་འཚུབ་འཚུབ།
ཁ་ལས་རླུང་རྟ་དར་ཕྱར་ཕྱར།
བྱ་བ་ལམ་འགྲོ་བྲག་རྩིག་རྩིག
བསོད་ནམས་དབང་ཐང་མཚོ་འཕྱུར་འཕྱུར།
མཚན་སྙན་འབྲུག་སྒྲ་ལྟར་གྲག་གྲག
གཟི་བརྗིད་ཉི་འོད་བཞིན་འཚེར་འཚེར།
གངས་དཀར་པོ་་་ཡང་རྩེ་ལ་་་མཚོན་སྣ་ལྔའི་་་་་དར་སྒྲོན་དུས།  ཀི་ཧི་ཧི།
རྫ་མཐོན་པོ་་་རི་རྩེ་ནས་་་སྲུང་རླུང་རྟ་་་ཡར་མཆོད་དུས།  ཀི་ཧི་ཧི།
ཐང་ཆེན་པོ་ཡངས་དཀྱིལ་ནས་རྟ་འདོ་བའི་བང་འགྲན་དུས།   ཀི་ཧི་ཧི།
བུ་དཔའ་པོ་དཔུང་སྒྲིག་ནས་དགྲ་ནག་པོར་དབང་བསྒྱུར་དུས།  ཀི་ཧི་ཧི།
ཁོ་རེ།
རྟ་ཕོ་འདྲ་མཉམ་རྒྱུག་ཉིན་མོ།
སྲབ་མདའ་གང་གི་ཤོར་བ་ཤོག
མི་ཕོ་འདྲ་མཉམ་ཞུགས་ཉིན་མོ།
མོག་དཀར་གང་གི་མཐོ་བ་ཤོག
བུ་བཟང་ན་དཔའ་བོ་གཅིག
རྟ་བཟང་ན་ལྕག་ཚན་གཅིག
ཆང་བཟང་ན་དཀར་ཡོལ་གང་།
ཡ་ཆུང་ཁོག་ནས་རྟ་རྒྱུག་དགོས།
མ་ཆུང་ཁོག་ནས་ངལ་གསོ་དགོས།
ཨ་ཡོད་ནང་གི་ད་ཡོད་དགོས།
སྒོ་ང་ནང་གི་སེར་རུ་དགོས།
ཡ། དགོས་མི་དགོས་བར་ནས་མང་པོ་བཤད་མི་དགོས་གདའ།
འགྲོ་མི་འགྲོ་ཐོན་དུས་ཐེ་ཚོམ་བྱེད་མི་དགོས།
ཁོ་རེ། ཕ་བཟང་ལ་བུ་དགོས།
རིགས་བཟང་ལ་རྒྱུད་དགོས།
རུས་བཟང་ལ་རྐང་དགོས།
གྲོགས་མཐུན་གྱི་ཚིག་དགོས།
གྲོས་མཐུན་གྱི་བློ་དགོས།
ཀུན་ཕན་གྱི་སེམས་དགོས།
ཕོ་ལ་ཕོ་ཚུགས་དགོས།
མོ་ལ་མོ་གཟུགས་དགོས།
ཁྱོས། ཕ་ལོའི་གསེར་གྱི་རལ་གྲི་རྡོ་ལ་མ་གཡུག
མ་ལོའི་སྟག་མོའི་འཛུམ་མདངས་མ་སྦྱིན།
ཀི་ཧི་ཧི་གྲགས་སའི་ས་ཕྱོགས་དེ་ངའི་ཕ་ཡུལ་རེད།
ཀི་ཧི་ཧི་བསྒྲགས་མཁན་མི་ཚོགས་དེ་ངའི་སྤུན་ཟླ་རེད།
གནམ་གྱི་སྒྲ།ས་ཡི་སྒྲ།ཡུལ་གྱི་སྒྲ།
ལུས་ཀྱི་སྒྲ།ངག་གི་སྒྲ།ཡིད་ཀྱི་སྒྲ།
ཁྱེད་ཀྱི་སྒྲ་ང་ཡི་སྒྲ།
བོད་ཀྱི་སྒྲ།
ཁྲག་གི་གཞུར་སྒྲ།
རྩ་ཡི་འཕར་སྒྲ།
སྙིང་གི་ལྡིང་སྒྲ།
ས་སྒྲ་མེ་སྒྲ་རླུང་སྒྲ་ཆུ་སྒྲ།
གནམ་གྱི་སྒྲ།ས་ཡི་སྒྲ།ཡུལ་གྱི་སྒྲ།
ལུས་ཀྱི་སྒྲ།ངག་གི་སྒྲ།ཡིད་ཀྱི་སྒྲ།
ཁྱེད་ཀྱི་སྒྲ་ང་ཡི་སྒྲ།
བོད་ཀྱི་སྒྲ།
རྟ་ཕོའི་རྨིག་སྒྲ།
མི་ཕོའི་ཀི་སྒྲ།
མེ་མདའི་འུར་སྒྲ།
ས་སྒྲ་མེ་སྒྲ་རླུང་སྒྲ་ཆུ་སྒྲ།
གངས་དཀར་པོ་་་ཡང་རྩེ་ལ་་་མཚོན་སྣ་ལྔའི་་་་་དར་སྒྲོན་དུས།  ཀི་ཧི་ཧི།
རྫ་མཐོན་པོ་་་རི་རྩེ་ནས་་་སྲུང་རླུང་རྟ་་་ཡར་མཆོད་དུས།  ཀི་ཧི་ཧི།
ཐང་ཆེན་པོ་ཡངས་དཀྱིལ་ནས་རྟ་འདོ་བའི་བང་འགྲན་དུས།   ཀི་ཧི་ཧི།
བུ་དཔའ་པོ་དཔུང་སྒྲིག་ནས་དགྲ་ནག་པོར་དབང་བསྒྱུར་དུས།  ཀི་ཧི་ཧི།

ཕོ་ལྷ་གསོལ།    དགྲ་ལྷ་གསོལ།  ཡུལ་ལྷ་གསོལ།
གནས་འདི་ལ་བཞུགས་པའི་ཡུལ་ལྷ་གཞི་བདག་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ་གསོལ།
ནོར་ལྷ་གཏེར་བདག་ཆུ་ལྷ་ས་བདག་མི་ལྷ་སྡེ་བདག་ལ་གསོལ།
གཡས་རི་བྲག་རི། གཡོན་རི་ནགས་རི་ལ་གསོལ།
མདུན་རི་སྤང་རི། རྒྱབ་རི་གངས་རི་ལ་གསོལ།
ཡུལ་འདིའི་ཡུལ་ལྷ་ས་འདིའི་ས་བདག་ལ་གསོལ།
ཀི་ཧི་ཧི་གྲགས་སའི་ས་ཕྱོགས་དེ་ངའི་ཕ་ཡུལ་རེད།
ཀི་ཧི་ཧི་བསྒྲགས་མཁན་མི་ཚོགས་དེ་ངའི་སྤུན་ཟླ་རེད།
ཀི་ཧི་ཧི་གང་ནས་གྲགས་ན་ངའི་ཕ་མེས་རྣམ་ཤེས་དེ་ན་འཁོར།
ཀི་ཧི་ཧི་གང་ནས་གྲགས་ན་ངའི་ཕུ་ནུ་སྙིང་སྟོབས་དེ་ན་རྒྱས།
གནམ་གྱི་སྒྲ།ས་ཡི་སྒྲ།ཡུལ་གྱི་སྒྲ།
ལུས་ཀྱི་སྒྲ།ངག་གི་སྒྲ།ཡིད་ཀྱི་སྒྲ།
ཁྱེད་ཀྱི་སྒྲ་ང་ཡི་སྒྲ།
བོད་ཀྱི་སྒྲ།
ཁྲག་གི་གཞུར་སྒྲ།
རྩ་ཡི་འཕར་སྒྲ།
སྙིང་གི་ལྡིང་སྒྲ།
ས་སྒྲ་མེ་སྒྲ་རླུང་སྒྲ་ཆུ་སྒྲ།
གནམ་གྱི་སྒྲ།ས་ཡི་སྒྲ།ཡུལ་གྱི་སྒྲ།
ལུས་ཀྱི་སྒྲ།ངག་གི་སྒྲ།ཡིད་ཀྱི་སྒྲ།
ཁྱེད་ཀྱི་སྒྲ་ང་ཡི་སྒྲ།
བོད་ཀྱི་སྒྲ།
རྟ་ཕོའི་རྨིག་སྒྲ།
མི་ཕོའི་ཀི་སྒྲ།
མེ་མདའི་འུར་སྒྲ།
ས་སྒྲ་མེ་སྒྲ་རླུང་སྒྲ་ཆུ་སྒྲ།
གངས་དཀར་པོ་་་ཡང་རྩེ་ལ་་་མཚོན་སྣ་ལྔའི་་་་་དར་སྒྲོན་དུས།  ཀི་ཧི་ཧི།
རྫ་མཐོན་པོ་་་རི་རྩེ་ནས་་་སྲུང་རླུང་རྟ་་་ཡར་མཆོད་དུས།  ཀི་ཧི་ཧི།
ཐང་ཆེན་པོ་ཡངས་དཀྱིལ་ནས་རྟ་འདོ་བའི་བང་འགྲན་དུས།   ཀི་ཧི་ཧི།
བུ་དཔའ་པོ་དཔུང་སྒྲིག་ནས་དགྲ་ནག་པོར་དབང་བསྒྱུར་དུས།  ཀི་ཧི་ཧི།

KIHIHI 专辑歌曲

歌曲 歌手 专辑
KIHIHI 德吉老爷  KIHIHI

德吉老爷 热门歌曲

歌曲 歌手 专辑
Hello!བདེ་ལེགས་སམ། 伴奏 德吉老爷  伴奏
青春瀑布 德吉老爷  德吉老爷经典说唱
དབུས་ལམ་རིང་མོ虔诚之路 德吉老爷  虔诚之路
母语 德吉老爷  德吉老爷经典说唱
1376 ROT.Cypher 德吉老爷  1376 ROT.Cypher
益心良友 德吉老爷  音韵之海
德吉老爷的一封信 德吉老爷  德吉老爷经典说唱
地球挽歌 德吉老爷  炽热心语
ཨུཏྤལ་སྔོན་མོའི་སྐེ་རྒྱན། 蓝莲花 德吉老爷  ཨུཏྤལ་སྔོན་མོའི་སྐེ་རྒྱན།
Real Yaks གཡག་་རྒོད་དག་མ 德吉老爷  Real Yaks གཡག་་རྒོད་དག་མ
铁饭碗 德吉老爷  铁饭碗
牧人之子 伴奏 德吉老爷  伴奏
铁饭碗 伴奏 德吉老爷  伴奏
牧人之子 德吉老爷  德吉老爷歌曲集
Real Yaks གཡག་རྒོད་དག་མ 德吉老爷  Real Yaks གཡག་རྒོད་དག་མ
Hello!བདེ་ལེགས་སམ། 德吉老爷  Hello,你好吗
塔洛 德吉老爷  德吉老爷经典说唱
Today 德吉老爷  Today
诞生之地 德吉老爷  德吉老爷歌曲集
编织的蓝莲花 德吉老爷  韵海涌浪
黑翅膀 德吉老爷  黑翅膀
三地之歌 德吉老爷  告诉我
雪山与江河 德吉老爷  德吉老爷经典说唱
不要悲伤 德吉老爷  不要悲伤
KIHIHI 德吉老爷  KIHIHI
爱的约定 德吉老爷  丹巴旺姆精选集
牧人魂 德吉老爷  牧人魂
Today (伴奏) 德吉老爷  Today
西藏之子བོད་པའི་བུ་ཕྲུག། 德吉老爷  出人头地སྒྱེ་ནང་སྙུང་བུ།