ཚིག གཅོད་པ། བསྟན་འཛིན།
དབྱངས། བསྟན་འཛིན།
བརྗིད་ལྡན་གངས་འདབས་ནས་འབུས་པའི་ཚེ་སྲོག་གི་མྱུ་གུ་ཞིག
ཉམས་ཆུང་བའི་མྱུ་གུ་ཞིག
ཕ་མའི་བྱམས་བརྩེའི་ཉི་འོད་ཀྱིས་ལེགས་པར་བསྐྱངས་པས།
སྦྲ་ནག་དང་རྩྭ་ཐང་གི་པང་ནས་འཚར་ལོངས་བྱུང་།
ཁུ་སིམ་པའི་ཞིང་ཁམས་ཞིག་ནས།
ལུག་ཁྱུ་དང་ལྷན་དུ།
རྟ་ཕོ་དང་མཉམ་དུ།
འོ་སྤྲི་ཡི་འཚོ་བའི་ཁྲོད།
དྭགས་གཙང་གིས་འཚར་ལོངས་བྱུང་།
ཀ་ཁའི་སྦྱོར་ཀློག་དང་བྱིས་སྒྲུང་གི་རོལ་དབྱངས་ཁྲོད་ནས
སྤྲོ་སྣང་གི་བརྩེ་འཇོའི་ཁྲོད་སློབ་ར་ཆེ་ཆུང་གི་སྒོ་ཐེམ་རྡོག་པས་མནན།
རེས་སྐྱིད་རེས་སྡུག་གི་རྨི་ལམ་ལྟ་བུའི་ལོ་ངོ་མང་པོ་ཞིག
རྨི་ལམ་ལྟ་བུའི་འཚོ་བའི་ཁྲོད་ནས་ཕར་ལ་བསྐྱལ་པའི་དེ་རིང་།
ང་རང་ནར་སོན་ཡོད།
འཚོལ་སྙེག་ཀྱི་རྨི་ལམ་མཆིས་པའི་བུ་ཆུང་།
སྤོབས་སེམས་དང་རེ་བའི་བལྟམས་པའི་བུ་ཆུང་།
ད་ནི་ང་ལ་ཡོད་ཆོག་པའི་རྨི་ལམ་ཡོད།
ཡོད་འོས་པའི་རྨི་ལམ་ཡོད།
མཚར་སྡུག་གི་རྨི་ལམ་ཡོད།
བསྙེགས་བཞིན་པའི་འདུན་མ་ཡོད།
ཁྲ་ཁྲ་ཡི་འཇིག་རྟེན་ན
སྣ་ཚོགས་ཀྱི་འཚོ་བའི་ཁྲོད།
འགྱུར་བཞིན་པའི་ལོ་ཟླའི་ནང
འདུ་འབྲལ་གྱི་འཁོར་བའི་ཀློང་ན་ངའི་བརྗེད་ཀི་མེད
གངས་རི་ཡི་ར་བས་བསྐོར་པའི་དྭངས་གཙང་གི་རྩྭ་ཐང་བརྗེད་མེད།
སྦྲ་ནག་དང་ལུག་ཁྱུ་འདྲེས་པའི་ལྷིང་འཇགས་ཀྱི་རི་སྡེ་བརྗེད་མེད།
བྱམས་བརྩེ་ཡི་དྲིན་གྱིས་བསྐྱངས་པའི་དྲིན་ཅན་གྱི་ཕ་མ་བརྗེད་མེད།
ཕན་སེམས་དང་བརྩེ་བ་ཕྱུག་པའི་བྱམས་ལྡན་གྱི་སློབ་དཔོན་བརྗེད་མེད།
མངར་སྐྱུར་ཀྱི་ལོ་དང་ཟླ་བ་དགའ་སྐྱིད་དང་མཉམ་དུ་བསྐྱལ་བའི།
བརྩེ་ལྡན་གྱི་གྲོགས་དག་བརྗེད་མེད།
མདོར་ན ཚང་མ་བརྗེད་མེད།
ཡོད་ཚད་བརྗེད་མེད།
རིགས་ཞེན་གྱི་སྤོབས་པ་བརྗེད་མེད།
ཕ་ཡུལ་དང་ཕ་སྐད་བརྗེད་མེད།
བདེན་དོན་གྱི་ལོ་རྒྱུས་བརྗེད་མེད།
རླབས་ཆེན་གྱི་མེས་པོ་བརྗེད་མེད།
རིག་གཞུང་གི་རིན་ཐང་བརྗེད་མེད།
ཡུལ་སྲོལ་དང་གོམས་གཤིས་བརྗེད་མེད།
དད་མོས་དང་སྐྱབས་གནས་བརྗེད་མེད།
རང་ཉིད་ཀྱི་ཐོབ་ཐང་བརྗེད་མེད།
ཕུགས་བསམ་དང་འདུན་མ་བརྗེད་མེད།
འགྲོ་ལམ་དང་ཁ་ཕྱོགས་བརྗེད་མེད།
ཕུགས་བསམ་གྱི་ཞིང་ཁམས་ལ་སྤོབས་པ་དང་དཔའ་གདེང་གིས་སྐྲོད་པའི
དམ་བཅའ་ཡི་ལམ་སྣེར་འཐམ་སྟེ།
རེ་བཞག་དང་ཡིད་ཆེས་ཀྱིས་འཚོལ་བཞིན་ཡོད།
རྙེད་རག་བར་དུ་འཚོལ་ངེས་པའི་འོད་གསལ་གྱི་ལམ་ཆེན་ཞིག
སྤོབས་པའི་ངང་འཚོལ་བཞིན་ཡོད།
ང་ཡིས་འཚོལ་དགོས།
བདེན་པ་གང་ཞིག་གི་ཆེད
ར་སྤྲོད་གང་ཞིག་གི་ཆེད
ངས་འཚོལ་དགོས།
མུ་ནས་མུ་མཐུད་དུ ངས་འཚོལ་དགོས།
བརྗིད་ལྡན་གངས་འདབས་ནས་འབུས་པའི་ཚེ་སྲོག་གི་མྱུ་གུ་ཞིག
ཉམས་ཆུང་བའི་མྱུ་གུ་ཞིག
ཕ་མའི་བྱམས་བརྩེའི་ཉི་འོད་ཀྱིས་ལེགས་པར་བསྐྱངས་པས།
སྦྲ་ནག་དང་རྩྭ་ཐང་གི་པང་ནས་འཚར་ལོངས་བྱུང་།
ཁུ་སིམ་པའི་ཞིང་ཁམས་ཞིག་ནས།
ལུག་ཁྱུ་དང་ལྷན་དུ།
རྟ་ཕོ་དང་མཉམ་དུ།
འོ་སྤྲི་ཡི་འཚོ་བའི་ཁྲོད།
དྭགས་གཙང་གིས་འཚར་ལོངས་བྱུང་
གངས་རི་ཡི་ར་བས་བསྐོར་པའི་དྭངས་གཙང་གི་རྩྭ་ཐང་བརྗེད་མེད།
སྦྲ་ནག་དང་ལུག་ཁྱུ་འདྲེས་པའི་ལྷིང་འཇགས་ཀྱི་རི་སྡེ་བརྗེད་མེད།
བྱམས་བརྩེ་ཡི་དྲིན་གྱིས་བསྐྱངས་པའི་དྲིན་ཅན་གྱི་ཕ་མ་བརྗེད་མེད།
ཕན་སེམས་དང་བརྩེ་བ་ཕྱུག་པའི་བྱམས་ལྡན་གྱི་སློབ་དཔོན་བརྗེད་མེད།
མངར་སྐྱུར་ཀྱི་ལོ་དང་ཟླ་བ་དགའ་སྐྱིད་དང་མཉམ་དུ་བསྐྱལ་བའི།
བརྩེ་ལྡན་གྱི་གྲོགས་དག་བརྗེད་མེད།
བརྗེད་མེད།
དུས་ཚོད་ཐག ཐག ཐག
ངའི་མིག་ལམ ངའི་ལག་བར་དུ་བཞུར་སོང་།
འོན་ཀྱང་། ངའི་བརྗེད་ཀི་མེད་པ་དེ་ནི་ཤ་དང་རུས་པ་འཐིམས་པའི་གཤིས་ཀ
ངའི་བརྗེད་ཀི་མེད་པ་ང་ནི་གདོང་དམར་བོད་པ
ངའི་བརྗེད་ཀི་མེད་པ་ངའི་ཁ་ཟས་སྦྲང་དཀར་རྩམ་པ
ངའི་བརྗེད་ཀི་མེད་པ་ངའི་རུས་རྐང་རྩམ་པས་གྲུབ་པ
ངའི་བརྗེད་ཀི་མེད་པ་ངའི་ཟུངས་ཁྲག་གངས་ཆུ་དྭངས་མོ
ངའི་བརྗེད་ཀི་མེད་པ་ངའི་འདོན་པ་མ་ཎི་ཡིག་དྲུག
ངའི་བརྗེད་ཀི་མེད་པ་ངའི་ཚེ་སྲོག་རྡོ་རྗེ་བྲག་རི
ངའི་བརྗེད་ཀི་མེད་པ ངའི་བརྗེད་ཀི་མེད་པ ངའི་བརྗེད་ཀི་མེད་པ
ངའི་བརྗེད་ཀི་མེད་པ
བརྗིད་ལྡན་གངས་འདབས་ནས་འབུས་པའི་ཚེ་སྲོག་གི་མྱུ་གུ་ཞིག
ཉམས་ཆུང་བའི་མྱུ་གུ་ཞིག
ཕ་མའི་བྱམས་བརྩེའི་ཉི་འོད་ཀྱིས་ལེགས་པར་བསྐྱངས་པས།
སྦྲ་ནག་དང་རྩྭ་ཐང་གི་པང་ནས་འཚར་ལོངས་བྱུང་།
ཁུ་སིམ་པའི་ཞིང་ཁམས་ཞིག་ནས།
ལུག་ཁྱུ་དང་ལྷན་དུ།
རྟ་ཕོ་དང་མཉམ་དུ།
འོ་སྤྲི་ཡི་འཚོ་བའི་ཁྲོད།
དྭགས་གཙང་གིས་འཚར་ལོངས་བྱུང་
གངས་རི་ཡི་ར་བས་བསྐོར་པའི་དྭངས་གཙང་གི་རྩྭ་ཐང་བརྗེད་མེད།
སྦྲ་ནག་དང་ལུག་ཁྱུ་འདྲེས་པའི་ལྷིང་འཇགས་ཀྱི་རི་སྡེ་བརྗེད་མེད།
བྱམས་བརྩེ་ཡི་དྲིན་གྱིས་བསྐྱངས་པའི་དྲིན་ཅན་གྱི་ཕ་མ་བརྗེད་མེད།
ཕན་སེམས་དང་བརྩེ་བ་ཕྱུག་པའི་བྱམས་ལྡན་གྱི་སློབ་དཔོན་བརྗེད་མེད།
མངར་སྐྱུར་ཀྱི་ལོ་དང་ཟླ་བ་དགའ་སྐྱིད་དང་མཉམ་དུ་བསྐྱལ་བའི།
བརྩེ་ལྡན་གྱི་གྲོགས་དག་བརྗེད་མེད།
རླབས་ཆེན་གྱི་མེས་པོ་བརྗེད་མེད།
རིག་གཞུང་གི་རིན་ཐང་བརྗེད་མེད།
ཡུལ་སྲོལ་དང་གོམས་གཤིས་བརྗེད་མེད།
དད་མོས་དང་སྐྱབས་གནས་བརྗེད་མེད།
རང་ཉིད་ཀྱི་ཐོབ་ཐང་བརྗེད་མེད།
ཕུགས་བསམ་དང་འདུན་མ་བརྗེད་མེད།
འགྲོ་ལམ་དང་ཁ་ཕྱོགས་བརྗེད་མེད།
བརྗེད་མེད།བརྗེད་མེད།
ཚེ་རིང་རྒྟ་མཚོ་ནས།