བཀྲ་ཤིས་པའི་གངས་ལྗོངས།
ཚིག ཨ་ཁུངས་བསོད་ནམས་ཆོས་འཕེལ།
དབྱངས། ཀ་ཙའི་བསོད་ནམས་སྐྱབས།
ལེན་མཁན། ཆོས་དར།
བཙན་པོའི་ཕ་རྒྱུད་མི་ཡི་སེང་ཆེན་ཡིན༎
སྟོང་བཙན་ཡུལ་བཟུང་ཐབས་ཀྱི་རྒྱ་སྟག་ཡིན༎
ཐོན་མི་ཨ་ནུ་རིག་པའི་བང་མཛོད་ཡིན༎
གངས་ཅན་བོད་པ་གཡང་གི་ཕ་ཁྱིམ་ཡིན།།
ཡར་ལྷ་ཤམ་པོ་སྲིད་པའི་དུང་ཏོག་ཡིན༎
རྨ་ཟླ་འབྲི་གསུམ་འཛིན་མའི་སྐ་རགས་ཡིན༎
མ་ཕམ་གཡུ་མཚོ་གོ་ལའི་སྙིང་ཁྲག་ཡིན༎
གངས་ཅན་བོད་པ་གཡང་གི་ཕ་གཞིས་ཡིན༎
པོ་ཏ་ལྷ་མཁར་འཛམ་གླིང་མཛེས་རྒྱན་ཡིན༎
བཅུ་ཕྲག་རིག་པ་བོད་པའི་ལོངས་སྤྱོད་ཡིན༎
འཚེ་མེད་ཞི་བདེ་བོད་པའི་ཕུགས་འདུན་ཡིན༎
གངས་ཅན་བོད་པ་གཡང་གི་ཕ་ས་ཡིན༎
松赞干布我们的祖先
嘎日东赞足智多谋
桑布扎乃智慧之源
雪域藏家是福之源
喜马拉雅称世界之巅
三江之水大地的腰带
玛旁雍措地球的心脏
雪域藏家是祥福之地
布达拉宫是世界天宫
十大文学是藏家瑰宝
吉祥安康是藏家夙愿
雪域藏家是祥瑞之地