སྒྲོལ་མའི་མེ་ཏོག།
ཚིག་ ཐུབ་བསྟན་འབྱུང་གནས།
དབྱངས་་ཨ་ཏི་འཆི་མེད་ཚེ་རིང་།
ལན་མཁན་་གོང་པ་བདེ་ལེགས་ནོར་བུ།
࿄࿄࿄
མཛེས་པའི་བུ་མོ།
ངས་ཁྱོད་ལ་མིང་གཅིག་བཏགས།
སྒྲོན་མའི་མེ་ཏོག།
འཇིག་རྟེན་མི་རེའི་སེམས་ལ་གསང་བ་རེ།
སྐྱེས་པ་ཕོ་རེའི་སེམས་ལ་མཛེས་མ་རེ།
ཁྱོད་ཀྱི་སྐྱེས་གཟུགས་པདྨ་དཀར་པོ་འདྲ།
ཁྱོད་ཀྱི་གར་སྟབས་སྤྲིན་དཀར་གཡོ་གཡོ་རེད།
བོད་པའི་བོ་མོོའི་གཤིས་ཀ།
བབས་ཆགས་ལྡན་པའི་རྣམ་པ།
བརྟན་ཞིང་བརླིང་བའི་ངང་ཚུལ།
མཛེས་ཤིང་སྡུག་པའི་ལུས་གཟུགས།
ང་ཡི་ཡིད་དབང་འཕྲོག་སོང་།
ང་ཡི་སེམས་པ་ཤོར་སོང་།
࿄࿄࿄
སྨན་ཆུང་བུ་མོ།
ངས་ཁྱོད་ལ་ཚིག་གཅིག་བརྫོ།
སྒྲོན་མའི་མེ་ཏོག།
ང་ཡི་སེམས་ཀྱི་གསང་བ་ཁྱོད་ཡིན་ཞིང་།
ང་ཡི་སེམས་ཀྱི་དགའ་མ་ཁྱོད་ཡིན་ནོ།
ཁྱོད་ཀྱི་མཛེས་གཟུགས་ཙ་རིའི་སྨྱུག་མ་འདྲ།
ཁྱོད་ཀྱི་ཞལ་རས་བཅོ་ལྔའི་དུང་ཟླ་རེད།
བོད་པའི་བུ་མོའི་མཛེས་ཉམས།
སེམས་རྒྱུད་འཇམ་པའི་ངང་ཚུལ།
ངང་རྒྱུད་རིང་བའི་རྣམ་པ།
སྙན་འཇམ་ལྡན་པའི་ངག་འགྲོས།
ང་ཡི་ཡིད་དབང་འཕྲོག་སོང་།
ང་ཡི་སེམས་པ་ཤོར་སོང་།
࿄࿄࿄
བོད་པའི་བུ་མོའི་མཛེས་ཉམས།
སེམས་རྒྱུད་འཇམ་པའི་ངང་ཚུལ།
ངང་རྒྱུད་རིང་བའི་རྣམ་པ།
སྙན་འཇམ་ལྡན་པའི་ངག་འགྲོས།
ང་ཡི་ཡིད་དབང་འཕྲོག་སོང་།
ང་ཡི་སེམས་པ་ཤོར་སོང་།
ང་ཡི་ཡིད་དབང་འཕྲོག་སོང་།
ང་ཡི་སེམས་པ་ཤོར་སོང་།
RengTsing文化传媒