ཨ། ཡུལ་ཤུལ། 啊,玉樹
ཚིག །ཉི་མ་ཚེ་རིང་། 詞:尼瑪才仁
དབྱངས། ཆོས་དར། 曲:曲塔
གཞས་པ།བདེ ་ལེགས་ནོར་བུ།演唱:德勒鬧吾
ཆོས་དར། 曲塔
བསྟན་པ་ཚེ་རིང་།旦巴才仁
མགོན་པོ་རྣམ་རྒྱལ།公保南加
ཉི་མ་ཚེ་རིང་།尼瑪才仁
བསྟན་པ་རབ་རྒྱས།丁巴然傑
編曲:陳梓榮
後期:黃峰
母帶:黃峰
錄音:更尕
海報設計:巴襖勞貝影視
སྲིད་པ་ཆགས་པའི་ལྷ་དགུའི་གྲལ། །ཡུལ་ལྷ་སྒྱོགས་ཆེན་གདོང ་ར་བཞུགས། །
初始九尊神山之,尕朵覺悟巍巍落。
རི་སྐྱེས་སྲོག་ཆགས་ཕ་ས་ཆེ། །ཨ་ཆེན་བྱང་རྒྱབ་རྒྱལ་གླིང་ཡངས། །
野生動物之天堂,可可西里國家園。
བོད་ཁམས་སྨད་པའི་གནས་ཀྱི་མཆོག །གནས་ཆེན་རྡོ་ཏི་གངས་དཀར་བཞུགས། །
藏區三大聖山之,多德貢嘎殊胜山。
གཏམ་རྒྱུད་མེ་ཏོག་བཀྲ་བའི་ཐང་། །དཔལ་ཐང་འཇའ་ཐང་ཡངས་པའི་ཐང་། །
巴塘江塘草原美,祖輩故事廣流傳。
མདོ་ཁམས་གནས་ཆེན་ཉེར་ལྔའི་གཙོ། །སྐྱོ་བྲག་གནས་རྒན་བྱིན་རླབས་ཆེ། །
朵康二五聖地首,覺拉乃格聖山座。
འདབས་ཆགས་གཅན་གཟན་གནས་པའི་རྫོང་། །གྱམ་ཤིས་སྤྲེའུ་ཚྭ་ནགས་ཀྱི་རྫོང་། །
江西白扎天然林,飛禽異獸之樂園。
ཨ། ཡུལ་ཤུལ། 啊,玉樹。
ཨ། དག་གཙང་ཆུ་གསུམ་འབྱུང་བའི་ཡུལ། །ཡ་གླིང་ཤར་ལྷོའི་ཆུ་ཡི་མཛོད། །
啊,聖潔三江之源頭,聖神的亞洲水塔。
ཨ། ཡུལ་ཤུལ། 啊,玉樹。
ཨ། རི་བོའི་འགྱིང་རྔམ་ཆེ་བའི་ས། །ཆུ་བོའི་བཞུར་རྒྱུན་རིང་བའི་ཡུལ། །
啊,群山巍峨又雄壯,河流清澈流不斷。
ཨ། ཕ་ཡུལ། ཡུལ་ཤུལ། བདེ་སྐྱིད་ལྡན་པའི་ཡུལ།
啊,家鄉,玉樹,幸福的家鄉。
མེས་པོའི་དཔལ་ཡོན་འཁྱིལ་བའི་གནས། །བྲག་རྐོས་རྡོ་རྐོས་སྒྱུ་རྩལ་མངོན། །
先祖智慧怒綻放,岩畫藝術遍滿山。
གནའ་བོའི་མགྲོན་པོ་བགྲོད་པའི་ལམ། །ཐང་བོད་ཇ་རྟའི་གནའ་ལམ་རིང་། །
古之商客往來道,唐蕃茶馬古道長。
སེམས་ཅན་སྐྱེ་ཁམས་བདེ་དགའི་དཔལ། །ཆོས་རྒྱུད་སྣ་ཚོགས་འཆམ་མཐུན་དར། །
生態文明幸福源,多元文化共和諧。
གནའ་ཤུལ་གང་མང་བཀྲ་བའི་ས། །གེ་སར་རྒྱལ་པོའི་སྒྲུང་གཏམ་སྙན། །
古蹟遺址燦若星,英雄史詩悠遠傳。
རི་ཀླུང་སྔོ་ཞིང་དྭངས་པའི་ཡུལ། །སྲོལ་རྒྱུན་ཞིང་འབྲོག་ལས་རིགས་དགེ། །
青山綠水玉樹盛,農耕游牧勤相宜。
དཔལ་ཡོན་གྲོང་ཁྱེར་གསར་པའི་གླིང་། །བདེ་སྐྱིད་འཚོ་བ་ལོངས་སྤྱོད་རྒྱས། །
文明城市新創建,生活幸福喜安康。
ཨ། ཡུལ་ཤུལ། 啊,玉樹。
ཨ། གླུ་གཞས་བྲོ་རྩེད་དར་བའི་ཡུལ། །ཡ་རབས་རིག་གནས་དར་བའི་ས། །
啊,民族文化繁榮地,歌舞之鄉名遠揚。
ཨ། ཡུལ་ཤུལ། 啊,玉樹。
ཨ། མི་རིགས་མཐུན་སྒྲིལ་ཆེ་བའི་ཡུལ། །ཡུལ་ལ་བདེ་སྐྱིད་ལྡན་པའི་ཡུལ། །
啊,民族團結如意地,和諧幸福的家園。
ཨ། ཕ་ཡུལ། ཡུལ་ཤུལ། བདེ་སྐྱིད་ལྡན་པའི་ཡུལ།
啊,家鄉,玉樹,幸福的家園。