ས་སྐྱིད་པོ་གཙང་གསུམ་ཆུ་མགོ་རེད།
དགུང་ཨ་སྔོན་གཡུ་ཡི་ར་བ་ན།
ཤར་ལྷོ་སྤྲིན་དཀར་པོའི་མཇལ་ དར་ཕུལ་འདྲ་ཡོད།
ཆུ་གཙང་ཆབ་སྔོན་མོའི་རི་ལུང་པ་ཏྲ་མདུད།
ལྗང་མདོག་གི་རྩྭ་ཐང་ནི།
འཇའ ་ཚོན་གི་མེ་ཏོག་ཡིས།
ས་གཞི་དྲི་ཞིམ་ཆབ།
གནས་འདི་ནི་ང་ཡི་ཕ་ཡུལ་རེད།
ཕ་ཡུལ་ ལགས།
མཛེས་པའི་ཡུལ་ལྗོངས།
ཡིད་དབང་གི་ཡུལ་ཤུལ།
ཡུལ་འདི་ནི་ང་ཡི་ཕ་ཡུལ་རེད།།
སྡེ ་སྐྱིད་པོ་སྒ་ཡུལ་ནོར་བུ་གླིང།
མདོ་ཁམས་ས་ཡི་སྙིང་པོའི་གནས་མཆོག་ན།
སྐྱིད་འཚོ་བ་ལོངས་སྤྱོད་ནམ ་མཁའི་ལྷ་ལ་འདྲེན།
ལས་སྐལ་བ་བཟང་པོའི་འབངས་ལ་བདེ་སྐྱིད་འབྱུང་།
མཛེས་པའི་ཡུལ་ལྗོངས།
དགའ་བའི ་ཕ་ཡུལ།
གླུ་གཞས་ཀྱི་ཞིང་ཁམས།
ཡུལ་འདི་ནི་ང་ཡི་ཕ་ཡུལ་རེད།
ཕ་ཡུལ་ལགས།
འཛེས ་པའི་ཡུལ་ལྗོངས།
ཡིད་དབང་གི་ཡུལ་ཤུལ།
ཡུལ་འདི་ནི་ང་ཡི་ཕ་ཡུལ་རེད།
ཡུལ་འདི་ནི་ང་ ཡི་ཕ་ཡུལ་རེད།།