ངེད་བོད་པའི་ལྕི་བ།
藏家牛糞
ཚིག བློ་བཟང་རིན་ཆེན།
作詞:洛桑仁青
དབྱངས། བློ་གསལ།
作曲:洛薩
ལེན་མཁན། ཝུན་ཁྲང་ཐར། མཁས་གྲུབ་རྒྱལ་མཚན། རྡོ་རྗེ་རབ་བརྟན།
演唱:開周江才、文昌太、多傑讓登
སྒང་རི་སྒང་གི་སྒང་ཁ་ནས།།
在山岡的山丘上
བསང་མཆོད་པའི་དུད་སྤྲིན་ལིང་སེ་ལིངས།།
煒桑的桑煙飄然吹起
སྦྲ་ཆེན་སྦྲ་ཡི་སྤྲ་སྟེང་ནས།།
在黑色的大帳篷裡
དུ་སྔོན་མོའི་འཇའ་རིས་འཁྲིག་ སེ་འཁྲིགས།།
爐煙在篷頂吹起
ཨྰ་་་་་་ལྕི་བ།
啊....牛糞
ཨྰ་་་་ངེད་བོད ་པའི་ལྕི་བ།
啊....藏家牛糞
ལྷ་ལ་མཆོད་པའི་བསང་གི་རྫས།།
敬天的桑煙
རྟེན་འབྲེལ ་ཡག་པའི་གྲོག་གི་རྒྱུ།།
吉祥的祝福味
བཟང་དྲུག་སྨན་གྱི་དྲི་ཞིམ་ཁྱབ།།
身心健康的味
ལྷ་ལ ་མཆོད་པའི་བསང་གི་རྫས།།
敬天的桑煙
རྟེན་འབྲེལ་ཡག་པའི་གྲོག་གི་རྒྱུ།།
吉祥的祝福味
བཟང་དྲུག ་སྨན་གྱི་དྲི་ཞིམ་ཁྱབ།།
身心健康的味
ཡར་ཐབ་ཇ་ཐབ་ཁྲ་མོ་ལ།།
上灶煮的藏香茶
ཇ་ཁོལ་མའི་རླངས་པ་འཐིབ་སེ་འཐིབས།།
熱茶味飄香四方
མར་ཐབ་ཤ་ཐབ་ཁྲ་མོ་ལ།།
下灶煮的肥牛肉
ཤ་བཙོས་མའི་རླངས་པ་ལྷོག་སེ་ལྷོགས
香噴噴的肉味飄香四方
ཨྰ་་་་་་ལྕི་བ།
啊....牛糞
ཨྰ་་་་ངེད་བོད་པའི་ལྕི་བ།
啊....藏家牛糞
ཁྱད་ཆོས་གཞན་དང་མི་འདྲ །།
任何的特點都不一樣
འབར་བ་སླ་ལ་འབར་ཤེད་ཆེ།།
燃燒稀而燃燒大
རང་གཤིས་གཙང་ལ་ཕན་ ཡོང་ཆེ།།
對環境不僅沒有污染還新鮮
ཁྱད་ཆོས་གཞན་དང་མི་འདྲ།།
任何的特點都不一樣
འབར་བ་སླ་ལ ་འབར་ཤེད་ཆེ།།
燃燒稀而燃燒大
རང་གཤིས་གཙང་ལ་ཕན་ཡོང་ཆེ།།
對環境不僅沒有污染還新鮮
རྩིབས་ཆེན་སྦྲ་ཡི་ནང་རོལ་ལ།།
寬大精緻黑色的氈帳裡
བཅུད་འཛོམས་པའི་ཟས་སྣ་སྤུང་སེ་སྤུངས།།
各種美食齊全
འབྲོག་པའི་ན་ཆུང་རྒས་གཞོན་ཚོ།།
牧人的老少青年們
སྐྱིད་འཕེལ་བའི་དགོད་སྒྲ་ལྷང་སེ་ལྷངས།།
跳起歡樂的鍋莊
ཨྰ་་་་་་ལྕི་བ།
啊....牛糞
ཨྰ་་་་ངེད་བོད་པའི་ལྕི་བ།
啊....藏家牛糞
འཚོ་ཐབས་དཀའ་བའི་འབྲོག་ཐང་དུ།།
生活艱苦的牧區裡
ཚེ་སྲོག་ཆགས་པའི་འཇིག་རྟེན ་བསྐྲུན།།
造成生命的宇宙裡
གངས་ཅན་བོད་ལ་དཀའ་དྲིན་ཆེ།།
道一聲謝謝你
འཚོ་ཐབས་དཀའ་བའི་འབྲོག་ཐང་དུ།།
生活艱苦的牧區裡
ཚེ་སྲོག་ཆགས་པའི་འཇིག་རྟེན་བསྐྲུན།།
造成生命的宇宙裡
གངས་ཅན་བོད་ ལ་དཀའ་དྲིན་ཆེ།།
道一聲謝謝你