གངས་ཀྱི་རི་དང་གཡུ་ཡི་ཆུ།
金山银水
ཚིག སྦྲ་རྒན་བརྩོན་འགྲུས་རྒྱ་མཚོ།
作词:扎根巴尊追尖措
དབྱངས། ཚེ་རིང་དོན་གྲུབ། བསམ་འགྲུབ་ཚེ་རིང་།
作曲:才让东珠/三智才让
演唱:才让东珠
མཁའ་དབུགས་དྭངས་གཙང་སྤྲིན་པའི་སྐེ་དཀྲུས་ཅན། །
紧拥着彩云蓝天
ལྷ་ཡི་འཁྲུ་ཤིང་འཇའ་ཡི་སྐེ་རགས་ཅན། །
神圣无比伴彩虹
རང་བྱུང་མེ་ཏོག་སྣ་བརྒྱའི་འདབས་རྒྱན་ཅན། །
白衣花边自然美
གངས་ཀྱི་རི་བོ་ཨ་མྱེས་བྲག་དཀར་ཡིན། །
雪山始祖扎嘎山
མེས་པོས་དཔུང་བསྟད་དགྲ་ལྷའི་གནས་རི་ཁྱོད། །
祖先供奉的神山
ཕུ་ནུའི་ལྟེ་ཁྲག་འཕོས་སའི་སྐྱེས་རི་ཁྱོད། །
兄妹安神的圣地
སྐྱེས་ནས་འཚར་ལོངས་བྱུང་སའི་ཕ་ཡུལ་ཡིན། །
是生我养我的故乡
ཤི་ཡང་རྣམ་ཤེས་འཁོར་སའི་བར་རྡོ་ཡིན། །
是灵魂栖息之所
ས་མཐའི་བུ་ཕོ་ཞེན་པའི་དུང་ཀ་ཅན། །
是游子日夜所思
གསེར་གྱི་རི་བོ་བསྐྱུར་ནས་གང་ལ་འགྲོ། །
数不尽的绿水青山
སྨོན་པའི་འཇའ་རིས་བདའ་ནས་གང་ལ་འགྲོ །
驾乘彩虹去追寻
ཕེབས་དང་མཉམ་དུ་གངས་ཀྱི་རི་བོ་སྲུང་། །
只为一起守护雪山之美
སྨན་ཆབ་ཆུ་མགོ་སྟོང་གི་ལན་བུ་ཅན། །
药泉之源千丝万缕
ཀླུ་ཡི་འཁོར་གནས་རླངས་པའི་ན་བཟའ་ཅན། །
龙腾圣水批霞衣
སྣ་ཚོགས་ཀླུ་ཤིང་རིང་མོའི་འདབས་རྒྱན་ཅན། །
万紫千红的点缀
གཡུ་ཡི་ཆུ་བོ་ཨ་མ་མང་ཆུ་ཡིན། །
碧泉之母芒曲
བྱམས་བརྩེ་རིང་མོ་རྒྱུན་ཆད་མེད་པ་ཁྱོད། །
永远的慈眉善目
སྐྱེ་བ་འདི་ཡི་སྲོག་གི་ཕྱེད་ཀ་ཁྱོད། །
你是我一生所爱
ཨ་མས་བསྣུན་པའི་ནུ་ཆུ་ཁྱོད་རང་ཡིན། །
您的水是母亲的乳汁
ལུས་ཟུང་བཅུད་ཀྱི་རུ་མ་ཁྱོད་རང་ཡིན། །
滋养我的生命
ས་མཐའི་བུ་མོ་ལས་བརྩོན་ལྷག་མ་ཅན། །
勤劳善良的姑娘
གཡུ་ཡི་ཆུ་བོ་བསྐྱུར་ནས་གང་ལ་འགྲོ། །
追寻碧泉的足迹
སྨོན་པའི་འཇའ་རིས་བདའ་ནས་གང་ལ་འགྲོ །
驾乘彩虹去追寻
ཕེབས་དང་མཉམ་དུ་དངུལ་གྱི་ཆུ་བོ་སྲུང་། །
只为一起守候碧泉之水